ཝོར་ཏི་པི་རེ་སི་དྲ་བ་འདི་ནི་ཤིན་ཏུ་ལེགས་པོ་ཡོད་ནའང་རྒྱ་ནག་གི་འོག་ཏུ་འཚོ་བའི་བོད་ནང་དུ་དྲ་བ་འདིའི་ཁ་ཕྱེ་ཐབས་མེད་པ་ཆགས་ཡོད། དེ་ནི་ཤིན་ཏུ་སྐྱོ་དགོས་པའི་གནད་དོན་ཞིག་ཡིན།
བོད་ནང་དུ་དྲ་བ་འདིའི་ཁ་ཕྱེ་ཐབས་མེད་པའི་སྐོར།
Posted July 7, 2008 by bumpagylCategories: Uncategorized
Microsoft གིས་བོད་ཡིག་རྒྱབ་སྐྱོར་བྱེད་ཡོད་པའི་བཀོད་སྤྱོད་རྒྱུན་ཁོངས་གསར་པ་ Windows Vista ཁྲོམ་བསྒྲགས་བྱེད་པ།
Posted August 25, 2007 by bumpagylCategories: Uncategorized
༢༠༠༧ལོའི་ཟླ་བ་༡ པོའི ༣༠ ཉིན་ Microsoft གིས་འཛམ་བུ་གླིང་ཚོང་ར་ཐོག་བཀོད་སྤྱོད་རྒྱུན་ཁོངས་གསར་པར་Windows Vista དང་ Office༢༠༠༧གཞུང་ལས་མཉེས་ཆས་གཉིས་གོམ་ཉམས་ཀྱིས་ཁྲོམ་བསྒྲགས་བྱེད་ཡོད། Windows བཀོད་སྤྱོད་རྒྱུན་ཁོངས་ Windows Vista ལ་རིམ་སྤར་དགོས་པའི་རྒྱུ་མཚན་ནི་མང་པོ་ཡོད་པ། ཡིན་ནའང་རྒྱ་ཆེ་བོད་ཡིག་བེད་སྤྱོད་བྱེད་མཁན་རྣམས་ལ་བཀག་མི་ཐུབ་པའི་རྒྱུ་མཚན་དེ་ནི་Windows Vista ནང་ཕྱོགས་ཡོངས་ནས་བོད་ཡིག་ལ་རྒྱབ་སྐྱོར་བྱེད་ཡོད་པ་རེད། Windows Vista དེ་ནི་སྔོན་ནས་ད་བར་འཛམ་གླིང་ཁྱབ་ཁོངས་ནང་ཕྱོགས་ཡོངས་ནས་བོད་ཡིག་རྒྱབ་སྐྱོར་གནང་ཡོད་པའི་རྩིས་འཁོར་གྱི་བཀོད་སྤྱོད་རྒྱུན་ཁོངས་ཨང་དང་པོ་དེ་རེད། དེ་སྔོན་དུ་འཛམ་གླིང་ཐོག་བཀོད་སྤྱོད་རྒྱུན་ཁོངས་གང་ཞིག་གིས་རྒྱུན་ཁོངས་ཐོག་ནས་དངོས་སུ་བོད་ཡིག་ལ་རྒྱབ་སྐྱོར་གནང་མྱོང་མེད་པ། Windows Vista ནང་གི་བོད་ཡིག་ནི་གཏན་འཁེལ་བྱེད་པའི་བོད་ཡིག་ཨང་རྟགས་ཚོགས་རྒྱལ་སྤྱི་ཚད་ལྡན་Unicode ལ་གཞིར་བཟུང་ཞིག་རེད། Windows Vista གིས་བོད་ཡིག་གི་སྒྲིག་གཅོད་བྱེད་ཐུབ་པའི་ནུས་པ་ནི་དབྱི་ཇི་དང་རྒྱ་ཡིག་ལ་འདྲ་བའི་རིམ་པ་སླེབས་ཡོད་པ། དབྱི་ཇི་དང་རྒྱ་ཡིག་གིས་གང་བྱེད་ཐུབ་པ་དེ་བོད་ཡིག་གིས་ཡང་བྱེད་ཐུབ་པ། བོད་ཡིག་གི་ཡི་གེ་ནང་འཇུག་ནས་བོད་ཡིག་པར་སྒྲིག་གཅོད། བོད་ཡིག་གློག་ཡིག་གཏོང་ལེན། བོད་ཡིག་དྲ་གནས་འཛུགས་སྐྲུན། བོད་ཡིག་ཉེར་སྤྱོད་མཉེན་ཆས་ཀྱི་གསར་སྤེལ། བོད་ཡིག་སློབ་དེབ་ཀྱི་བཟོ་སྐྲུན་བཅས། ད་ནས་བོད་ཡིག་རྩིས་འཁོར་འཛམ་གླིང་ཐོག་ཐོགས་མེད་བེད་སྐྱོད་བྱེད་ཐུབ་པ། མིག་སྔ་རྒྱལ་ཕྱི་རྒྱལ་ནང་དུ་བོད་ཡིག་ཡིག་གཟུགས་བཅུ་ལྷག་ཙམ་ཡོད་པ། ཡིན་ནའང་བོད་ཡིག་རྒྱལ་སྤྱི་ཚད་ལྡན་ཨང་རྟགས་ཚོགས་ལ་གཞིར་བཟུང་པ་གཅིག་ཡང་མེད་པར། དེ་འདྲ་ཨང་རྟགས་རྙོག་འཛིན་གྱི་གནས་ཚུལ་དེས་བོད་ཡིག་རྩིས་འཁོར་བེད་སྤྱོད་བྱེད་མཁན་རྣམས་ལ་སྟབས་བེད་ཤིན་ཏུ་མེད་པར། ཨང་རྟགས་མ་འདྲ་བའི་རྐྱེན་གྱིས་སྤྱོད་མཁན་ཕན་ཚུལ་སྐྱེལ་འདྲེན་དང་ཡིག་ཆ་བརྗེ་རེས་བྱེད་ཐབས་མེད་པ། ཡང་བོད་ཡིག་ཉེར་སྤྱོད་མཉེན་ཆས་ཀྱིས་གསར་སྤེལ་ཡང་བྱེད་ཐབས་མེད་པ། ང་རང་ཚོའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་བོད་ཡིག་ཆ་འཕྲིན་ཅན་ལ་འཛུག་ས་སྐྲུན་བྱེད་བ་བཀག་འགོག་ཚབས་ཆེན་བྱེད་ཡོད་པ་རེད། Windows Vista གིས་ང་ཚོ་ལ་རོགས་རོམ་གནང་ནས་རྩིས་འཁོར་ནང་བོད་ཡིག་ཨང་རྟགས་རྙོག་འཛིན་གྱི་གནས་ཚུལ་དེ་མེད་པ་བཟོས་ནས། ཐ་ན་རྒྱལ་ཡོངས་དང་འཛམ་གླིང་ཁུངས་ཡོངས་ནང་བོད་ཡིག་ཨང་རྟགས་དང་བོད་ཡིག་མཉེས་ཆས་གཅིག་འགྱུར་བཟོས་བྱེད་ཐུབ་ཀྱི་རེད། ང་རང་ཚོའི་བོད་ཡིག་ཆ་འཕྲིན་ཅན་ལ་འཛུགས་སྐྲུན་བྱེད་ཆེད་རྣམས་པ་གསར་པ་ཞིག་ལ་གཏོད་ཡོད། Windows Vista ནང་གི་བོད་ཡིག་ནང་འཇུག་བྱེད་སྟངས་དེ་ནི་བོད་ཡིག་མཐེབ་གཞོང་བཀོད་སྒྲིག་རྒྱལ་ཁབ་ཚད་ལྡན་གཞིར་བཟུང་ནས་ཇུས་འགོད་བྱེད་པ་ཞིག་རེད། Windows Vista ནང་བོད་ཡིག་སྲོན་རྒྱུན་དཔར་བཏབ་ཀྱི་ཡིག་གཟུགས་ལ་གཞིར་བཟུང་བའི་བོད་ཡིག་ཡིག་གཟུགས་ཞིག་འདོན་ཡོད་རེད། Windows ཡིག་གཟུགས་བེད་སྤྱོད་བྱེད་སྟངས་ལ་རྟེན་ནས་མ་འདྲ་པའི་བོད་ཡིག་ཡིག་གཟུགས་ཆར་རྗེས་མྱུ་གུ་འབུར་ཐོན་བཞིནའདོན་ཡོང་པ། བོད་ཡིག་བེད་སྤྱོད་གནང་མཁན་གྱི་བོད་ཡིག་ཡིག་གཟུགས་སྣ་ཁ་གཅིག་གཉིས་ལས་བེད་སྤྱོད་བྱེད་བ་མེད་པ་ཡང་མིན་པ། བོད་ཡིག་ཡི་གེ་མ་འདང་བའི་གནས་ཚུན་ནི་ད་ལྟ་བོད་ཡིག་ཡི་གེ་བཀོད་སྒྲིག་རྒྱུད་ཁོངས་ཡོད་ཚད་ནང་གི་གནས་དོན་ཚབས་ཆེན་ཞིག་ཡིན་པ། དེར་བཤད་དགོས་པ་ཞིག་ནི། Windows Vista ནང་བོད་ཡིག་ཡི་གེ་མ་འདང་བའི་གནས་ཚུལ་མེད་པ། བོད་ཡིག་ཡི་གེ་གང་འདྲ་ཞིག་དང་སཾ་སྐྲ་ཏ་ཡི་གེའི་འབབས་འབྲིས། ཐ་ན་བོད་ཡིག་མིན་པ་ཡང་སཾ་སྐྲ་ཏ་ཡི་གེ་འབབས་འབྲིས་མིན་པའི་ཡེ་གེ་ཚང་མ་ལས་སླ་པོ་ཐོག་ནས་ནང་འཇུག་དང་སྒྲིག་གཅོད་བྱེད་ཐུབ་པ། Windows Vista ནང་གི་བོད་ཡིག་རྒྱུད་ཁོངས་གསར་གཏོད་བྱེད་དུས་བོད་པ་རྩིས་འཁོར་མཁས་ཅན་གྱིས་རོགས་རམ་ཤུགས་ཆེན་གནང་པ་རེད།
གླིང་སྨྱོན་དྲ་ཚིགས་ལས་སྒྲུབ་ཁང་ངོ་སྤྲོད།
Posted August 24, 2007 by bumpagylCategories: Uncategorized
བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཡུལ་གྲུ་འདི་ནི་འཛམ་གླིང་གི་ཡང་རྩེ་ན་གནས་ཤིང་ལྗོངས་འདིར་འཚོ་སྡོད་བྱེད་པའི་བོད་ཀྱི་མི་རིགས་འདི་ནི་གནའ་ནས་བཟུང་ཏེ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་ལ། བྱམས་དང་སྙིང་རྗེས་འགྲོ་དྲུག་མཐའ་དག་སྐྱོང་བར་བྱེད་པའི་མི་རིགས་བླ་ན་མེད་པ་ཞིག་ཡིན་པར་གྲགས། དེ་ཡང་རིག་གནས་ཆེ་ཆུང་བཅུ་བོ་དེ་ནི་བོད་མི་རིགས་ཀྱི་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་རང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ཏེ་རྗེས་རབས་པ་དག་ལ་བཞག་པའི་རིན་ཐང་གཞལ་དུ་མེད་པའི་ཁྱད་ནོར་ཞིག་ཏུ་བགྲང་ཆོགཡིན་ཡང་དུས་དང་རྐྱེན་གང་མང་ཞིག་གི་དབང་གིས་ད་ལྟའི་དུས་སུ་རླབས་ཆེན་གྱི་མི་རིགས་དེ་ཉིད་འཛམ་གླིང་མི་རིགས་ཆེན་པོའི་ཁྲོད་དུ་ཧ་ཅང་རྗེས་ལུས་ཤིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་གློག་ལྟར་མྱུར་བའི་ད་ལྟའི་དུས་འདིར་བོད་རང་ལ་ཚན་རྩལ་མཁས་ཅན་ཤིན་ཏུ་དཀོན་པ་མ་ཟད། གློག་ཀླད་ཀྱིས་རང་བྱུང་ཁམས་ལ་བསྒྱུར་བཀོད་བྱེད་པའི་དུས་སྐབས་སུ་རྩིས་འཁོར་སྐོར་གྱི་ཤེས་བྱ་མཁྱེན་མཁན་ཧ་ཅང་ཉུང་བའི་གནས་ཚུལ་དེ་འདྲ་ཞིག་ལ་དམིགས་ཏེ། ངེད་དྲ་ཚིགས་ཀྱིས་དེང་དུས་ཀྱི་ན་གཞོན་དག་ལ་རྩིས་འཁོར་སྐོར་གྱི་ཤེས་བྱ་བརྒྱུད་དང་། དུས་མཚུངས་སུ་གློག་ཀླད་ལ་འཇུག་པའི་ན་གཞོན་སྐོར་ཞིག་བསྐྱེད་བསྲིངས་ཡོང་བ་བྱ་རྒྱུ་ནི་དགོངས་དོན་གཙོ་བོ་ཡིན་ནོ།།

